སྐུ་ཉིད་ངེད་བོད་གཞས་ཀུན་འཏུས་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ། སྤྱི་སྟེགས་འདི་ནི་ངག་གི་འགྱུར་ཁུགས་རྫོགས་ཤིང་དབྱངས་ཀྱི་སྙན་འགྱུར་མཚར་བའི་བོད་ཀྱི་གླུ་བ་གླུ་མ་དག་གི་གླུ་གཞས་ཀྱི་སྟེགས་བུ་ཆེན་པོ་ཞིག་ཡིན་ལ། འདིའི་ནང་སྤེལ་འདོད་ཀྱི་ནང་དོན་དག་ནི་གླུ་དབྱངས་གསར་བ། ཨ་མདོའི་རྡུང་ལེན་གསར་བ། དམངས་གླུ། སྙན་ངག་གྱེར་འདོན་སོགས། བོད་གཞས་གཙོ་བྱས་སྒྱུ་རྩལ་གྱི་ཆ་མང་བོ་ཞིག་བོད་རིགས་སྤུན་ཟླ་རྣམས་ཀྱི་སྤྱན་ལམ་དུ་སྤེལ་རྩིས་ཡོད་པས། ཚང་མས་དུས་དང་རྣམ་པ་ཀུན་ཏུ་བོད་གཞས་ཀུན་འཏུས་ཚང་ལ་ཐུགས་ཁུར་རྒྱབ་སྐྱོར་ཡོད་པར་མཁྱེན། དེ་མིན་འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་གསུབ་ངེས་ཡིན། ཉིད་ཀྱིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་འཕྲིན་སྟེགས་འདི་ལ་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་གནངས་རོགས།
ཨ་འགྲིག་གངས་རིའི་ལྕམ་སྲིང་།
ཚིག འབྲོང་ཕྲུག་ལྷ་ཆེན་རྒྱལ།
དབྱངས། འཇམ་དབྱངས་བསྟན་འཛིན།
ལེན་མཁན། རིག་བཟང་ལྷ་མོ།
དཀར་པོ་གངས་ལ་ལྟོས་དང་། །
ཤེལ་གྱི་མཆོད་རྟེན་བཞེངས་ཡོད། །
རྩེ་མོ་དགུང་ལ་ལྟོས་དང་། །
གངས་སེང་གཡུ་རལ་འགྱུར་མེད། །
ཨ་འགྲིག་གངས་ཀྱི་ལྕམ་སྲིང་། །
ཆ་འགྲིག་སེང་གི་ལྕམ་སྲིང་། །
གངས་ལྗོངས་གཡང་གི་ར་བ། །
སྐྱིད་ན་འཛུམ་མདངས་བྱུང་ས། །
སྡུག་ན་མིག་ཆུ་འཕོ་ས། །
སྐྱིད་སྡུག་གཉིས་ཀ་འདི་རེད། །
ཆེན་པོ་སྤང་ལ་ལྟོས་དང་། །
ཕྲ་ཚོམ་མེ་ཏོག་བཞད་ཡོད། །
སྔོན་མོ་མཚོ་ལ་ལྟོས་དང་། །
དྭངས་མོའི་རང་མདངས་འགྱུར་མེད། །
ཨ་འགྲིག་སྤང་གི་ལྕམ་སྲིང་། །
ཆ་འགྲིག་མཚོ་ཡི་ལྕམ་སྲིང་། །
ཕ་ཡུལ་ཕྱུགས་ཀྱི་ལུང་བ། །
དགའ་ན་འཛུམ་མདངས་བྱུང་ས། །
སྐྱོ་ན་མིག་ཆུ་འཕོ་ས། །
དགའ་སྐྱོ་གཉིས་ཀ་འདི་རེད། །
སྨུག་པོ་གདོང་ལ་ལྟོས་དང་། །
བྱུ་རུའི་འཛུམ་ཆུང་བཞད་ཡོད། །
གཉོམ་པོ་སེམས་ལ་ལྟོས་དང་། །
འདང་བརྩེའི་མདུད་པ་འགྱུར་མེད། །
ཨ་འགྲིག་བྱུ་རུའི་ལྕམ་སྲིང་། །
ཆ་འགྲིག་གཡུ་ཡི་ལྕམ་སྲིང་། །
རང་སེམས་གོར་མའི་གདགས་སྲིབ། །
འཛོམས་ན་འཛུམ་མདངས་བྱུང་ས། །
གྱེས་ན་མིག་ཆུ་འཕོ་ས། །
གྱེས་འཛོམས་གཉིས་ཀ་འདི་རེད། །
སྙན་འཇེབས་སྐད་ཀྱི་གདངས་དབྱངས་སྙན་མོ།།
འགྱུར་ཁུགས་རོལ་མོའི་སྒྲ་དང་འགྲོགས་ནས།།
ཆོལ་གསུམ་སྤུན་ཟླའི་སྙན་ལ་འབུལ་ན།།
དགའ་སྤྲོའི་ཁྲོད་ནས་གཞས་ལ་གསན་རོགས།།
གསལ་འདེབས།
གྲོགས་པོ་ཁྱེད་ཀྱིས་ང་ཚོའི་འཕྲིན་སྟེགས་འདི་ལ་རྒྱབ་སྐྱོར་གྱི་ཚུལ་དུ་གཤམ་གྱི་བརྡ་ཁྱབ་<广告>སྟེང་ནས་གནོན་རོགས་ཞུ། ཡང་གཅིག་བཤད་ན་བརྡ་ཁྱབ་འདི་ལས་ཁྱེད་ཀྱིས་འཚོལ་བཞིན་པ་དེ་རྙེད་ཀྱང་སྲིད།
གཞན་གཤམ་གྱི་རྒྱ་ཡིག་阅读原文སྟེང་ནས་མནན་ན་མིག་སྔའི་ནང་དོན་ཁ་ཚང་ལ་བལྟ་ཐུབ།